迴遮劣劫時代祈禱發願文
- Sonam Diki
- 2018年4月16日
- 讀畢需時 3 分鐘
已更新:2018年5月2日

2017 年農曆九月初十,偉瑟祖古仁波切於臺北和平法盛洲主持蓮師薈供後開示:某些國家正面臨戰亂或核武危機,雖然我們並未受到直接的影響或損害,但已受菩薩戒的行者,當恆時長養菩提心,並唸誦此祈禱文以平息、斷除劣劫禍患。1983 年農曆三月十三日,怙主甲札仁波切為了消弭末世戰亂禍害,使劣劫眾生獲得安樂,乃撰作此文。弟子偉瑟祖古出資迻譯為中文,期許眾人勇猛精進持誦本祈願文。
༄༅། །བསྐལ་ངན་དུས་ཀྱི་གཡོ་འཁྲུག་བཟློག་པའི་ཐུགས་དམ་རྒྱུད་བསྐུལ་གསོལ་འདེབས་
སྨོན་ལམ་དུ་བྱ་བ་དྲང་སྲོང་དམོད་སྔགས་ཞེས་བྱ་བ་བཞུགས་སོ།།
迴遮劣劫時代動亂之⼼意敦請祈禱發願文‧ 仙⼈真⾔
༄༅། །ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། 拿摩 古如 惹納 乍訝雅
བསྐལ་བཟང་ཞིང་གི་རྣམ་འདྲེན་ཤཱཀྱའི་ཏོག །སངས་རྒྱས་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྗེ༑
賢劫剎⼟土導師釋迦尊、 第⼆二佛陀鄔⾦金海⽣生主、
།འཕགས་མཆོག་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས། །ཕྱག་རྡོར་ལ་སོགས་བྱང་སེམས་ཉེ་སྲས་བརྒྱད།
勝聖觀世音與妙吉祥、 ⾦金剛⼿手等⼋八隨侍佛⼦子、
།སྒྲོལ་མ་ཉེར་གཅིག་གནས་བརྟན་འཕགས་པའི་ཚོགས།
⼆二⼀一度母與羅漢聖眾、
།གནས་གསུམ་མཁའ་འགྲོ་ཡེ་ཤེས་ལས་གྲུབ་པའི།
三地空⾏行智慧形成之、
།མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་མངའ་བ་རྣམས།
具有神通變化威⼒力眾,
།བསྐལ་ངན་དུས་མཐའི་སྐྱེ་འགྲོ་སྤྱི་མཐུན་གྱི།
劣劫末世眾⽣生共同之,
།དཀར་ཕྱོགས་གཡེལ་ཞིང་ནག་ཕྱོགས་བདུད་སྡེ་ཡིས།
善法渙散惡法之魔軍,
།འཛམ་གླིང་ཕུང་བྱེད་རྡུལ་མཚོན་དམག་འཁྲུགས་བསླང༌།
禍害世界起核⼦子戰亂,
།སྣོད་བཅུད་ཐལ་བའི་རྡུལ་དུ་སྐད་ཅིག་ལ།
剎那粉碎情器成微塵,
།སྣང་གྲགས་རྟོག་པའི་སྤྱོད་ཡུལ་མངོན་གྱུར་ཀྱང༌།
現聲分別念境雖能知,
།རབ་འཐུམས་ད་དུང་བྲེད་དུ་ཅང་མ་ཚོར།
依然竟連驚懼亦無感,
།སྔར་མ་བྱུང་བའི་འཛམ་གླིང་འཕོ་འགྱུར་གང༌།
往昔未有世間之遷變,
།རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ།
本傳上師寂忿本尊天、
།ཆོས་སྲུང་ཕྱོགས་སྐྱོང་དཔལ་མགོན་བདུན་བཅུ་སོགས།
護法守⽅方七⼗十五祥怙、
།རྩོད་ལྡན་འགྲོ་ལ་གཟིགས་ཤིང་དགོངས་སུ་གསོལ།
祈請鑒知⾾鬥諍時眾⽣生!
།ལས་ངན་འབྲས་བུའི་མཚོ་ཆེན་བརྡོལ་བ་ལས།
劣緣果報⼤大海橫流中,
།ཁ་དྲག་དབང་ཆེན་མི་ཆེན་སེམས་རྩ ་སྒུལ།
橫⾔言動搖⼤大權⼈人⼼心脈,
།ལོག་སྨོན་འཕྲུལ་གྱི་མཚོན་ཆའི་འཐོར་རླུང་ཆེས།
惡願機器武器之塵爆,
།བརླག་པར་འགྱུར་ཉེའི་ལྟས་ངན་བྱ་མ་རྟ།
逼近惡劣徵兆之訊息,
།མ་རིག་སྐྱེ་བོ་རྨོངས་དང་ཐེ་ཚོམ་རྒྱར།
無明愚⼈人悶絕陷羅網,
།ཐོས་དང་དྲན་པ་ཙམ་གྱིས་འཇིགས་སྐྱེད་པའི།
聽聞憶想即⽣生恐懼之,
དེ་ཟློག་ཐབས་དང་རེ་ས་གཞན་ན་མེད།
迴遮法與寄望無其他,
བསླུ་མེད་དཀོན་མཆོག་རྩ ་གསུམ་ཁྱེད་རྣམས་ལ།
無偽三寶三本汝等前,
འདེབས་འོ་དོད་འབོད་པ་འདི་ལགས་ན།
請求哀嚎哭喊此具故,
།གློག་ལྟར་མྱུར་བའི་ཐུགས་རྗེའི་ཕྱག་རྐྱོངས་ལ།
伸展迅如閃電⼤大悲⼿手,
།འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་འཕྲོག་བྱེད་པའི༑
能奪世界眾⽣生喜樂之,
།གཙོ་བོ་རྣམས་དང་དེ་ཡི་ཁ་ལོ་བ།
轉變領導者與掌權者、
།ཞི་བདེ་མཐུན་པའི་ཕྱོགས་སུ་བསྒྱུར་དུ་གསོལ།
轉為隨順和平之⼀一⽅方!
བདུད་སྡེའི་རྡུལ་མཚོན་ཟློག་ཅིང་གཞོམ་པར་མཛོད།
迴遮摧毀魔軍之核彈!
།བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་ཕྱོགས་ཀུན་དར།
掌教康泰講修弘各⽅方!
།ནག་པོའི་རྩ ་ལག་སྡེར་བཅས་མིང་ཙམ་སྟོངས།
惡類黨⽻羽爪牙名亦空!
ཡོངས་ཁྱབ་སྡེ་བཞིའི་དཔལ་གྱིས་མངོན་མཐོ་ཞིང༌།
四分圓滿妙德極⾼高廣,
།ཀུན་ཀྱང་བདེ་དགའི་གར་གྱིས་བྲེལ་གྱུར་ཅིག
།ཁྱེའུས་ཕ་མར་འབོད་འདྲའི་སྨྲེ་སྔགས་ཀྱིས།
如童呼喚⽗父母之悲鳴、
ཁྱེད་རྣམས་སྔོན་གྱི་དམ་བཅའ་མ་བསྙེལ་བར༑
汝等莫忘往昔之誓願,
།མགོན་མེད་འགྲོ་འདི་སྲུང་སྐྱོབས་འཇིགས་སྒྲོལ་མཛོད།
守護無怙此眾脫恐懼!
།སྟོབས་ཆེན་ཀླ་ཀློས་གཡུལ་འགྱེད་གྲོས་བཤམས་ཚེ།
⼤大⼒力蠻族興兵談判時;
།མ་རུང་གདུག་རྩུབ་བསམ་ངན་འཆང་བ་རྣམས།
執著殘暴惡毒邪思眾,
།འགལ་རྐྱེན་དམག་འཁྲུགས་རང་སར་ཞི་བ་དང་།
違緣戰亂自然⽽而平息,
།དེ་ཡི་མཐུ་ལས་འཛམ་གླིང་ས་ཆེན་འདིར།
由彼⼒力故此世界⼤大地,
།བསྟན་འགྲོར་འཚེ་བྱེད་མི་དང་མི་མིན་གྱི།
損害教眾⼈人與非⼈人之,
།འཇིག་རྟེན་ཀུན་ཏུ་བདེ་ལེགས་རྒྱ་ཆེན་པོས།
世間⼀一切遍佈⼤大吉祥,
།རྫོགས་ལྡན་དུས་བཞིན་འཐབ་འཁྲུགས་འཚེ་མེད་པར།
若圓滿時無⾾鬥亂傷損,
།སྐྱབས་གནས་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་དང་།
⼀一切亦以喜樂舞紛紜。
།ཆོས་དབྱིངས་རྣམ་ཀུན་མཆོག་ལྡན་བདེན་སྟོབས་ཀྱིས།
法界現空無別真諦⼒力、
།ཇི་ལྟར་རེ་སྨོན་ཡིད་བཞིན་འགྲུབ་གྱུར་ཅིག
猶如所願如意⽽而成就!
།ཏདྱཐཱ། པཉྩ་དྲི་ཡ་ཨ་ཝ་བྷོ་དྷ་ན་ཡེ་སྭ་ཧཱ།
如海皈處三寶之⼤大悲、
།བདག་ཅག་བསམ་པ་དག་པས་གསོལ་བཏབ་དོན།
我等清淨思想祈禱事,
爹雅他 邊乍直雅 阿瓦博達 那也 梭哈
ཞེས་པའང་འཛམ་གླིང་ས་ཆེན་འདིའི་སྟེང་དུ་གནས་པའི་རྒྱལ་བའི་བསྟན་དང་སྐྱེ་འགྲོའི་ཚེ་སྲོག །སྣོད་བཅུད་ཀྱི་དགེ་མཆེན་མ་ལུས་པ་སྐད་གཅིག་ཉིད་ལ་ འཇོམས་པའི་ནུས་ཤུགས་ཅན་རྡུལ་ཕྲན་དུག་གི་མཚོན་ཆ་ལག་ལེན་དུ་བསྟར་ནས་མི་རྣམས་ཁ་དག་པ་དེ་ལྟ་བུའི་མཚོན་འཁྲུགས་དྲག་པོ་སྔར་མ་བྱུང་བ་ཞིག་ དུས་ཡུན་མི་རིང་བར་འབྱུང་ཉེ་བའི་ལ་ཉེ་དང་ལྟས་མཚན་ཉིན་རེ་བཞིན་དུ་ཇེ་ཆེར་འགྲོ་བར་བརྟེན༑ བཟོད་བླག་དང་བྲལ་བའི་སྐྱོ་ཤས་དང་འཇིགས་དངངས་དྲག་ པོས་རྒྱུད་དབང་མེད་དུ་བསྐུལ་བའི་རྐྱེན་གྱིས་བུ་ཆུང་མ་ལ་འབོད་པའམ། འགག་དོག་མོའི་ཨོ་རྒྱན་པདྨའི་དཔེ་ལྟར། སྐྱབས་གནས་དཀོན་མཆོག་རྒྱ་མཚོར་ ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་འདི་ཉིད་དེང་དུས་ཀུན་གྱིས་ཁ་ཏོན་བྱ་བ་དང་། དར་རས་ལ་བྲིས་ཏེ་རི་རྩེ་དང་། ཟམ་ཟུར་སོགས་སུ་འཕྱར་ན་ དགོས་པ་དང་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ཡིན་སྙམ་པས་ངེད་ལ་ཡིད་ཆེས་བྱེད་པ་ཀུན་གྱི་ཐུགས་ལ་གཞུག་ཅེས་སྤྲང་འཆལ་བུདྡྷ་བཛྲས་རབ་ཚེས་ཆུ་མོ་ཕག་ ལོ་ནག་པ་ཟླ་བའི་ཡར་ཚེས ༡༣ དགེ་བར་བྲིས་པ་འདིས་ཀྱང་བསྟན་ཞབས་ཀླ་ཀློས་སྡུད་པ་ཕྱིར་བསྲིང་བའི་རྒྱུར་གྱུར་ཅིག། །།
此南贍部洲⼤大地之上,羅列⼀一剎那摧毁無餘勝者教法與眾⽣生壽命、情器善相之具有 ⼒力量有毒核彈;如是能滅亡無數⼈人類之過去聞所未聞強烈武器戰亂,不久之後即將 產⽣生之徵相日益強⼤大。因此,現代任何⼈人以強烈離於造作之厭離⼼心與恐懼,以⼼心續 不由自主感動為緣,思及如「幼童呼喚母親」或「逢險關,急唸蓮華⽣生」之譬喻般 ,以此敦請如海皈處三寶⼼心意要義之祈請⽂文作為課誦、或書於布旗,懸掛於⼭山頂、 橋邊等處,具有極⼤大之必要與功德利益,相信本⼈人者請銘記在⼼心。浪丐布達班札書 於陰⽔水亥年三月上旬⼗十三日,以此願成能調伏野蠻世間⼈人之尊貴教法延長存在之因!

2017 年農曆九月初⼗十,偉瑟祖古仁波切於臺北和平法盛洲主持蓮師薈供後開示:某 些國家正面臨戰亂或核武危機,雖然我們並未受到直接的影響或損害,但已受菩薩 戒的⾏行者,當恆時長養菩提⼼心,並唸誦此祈禱⽂文以平息、斷除劣劫禍患。1983 年農 曆三月⼗十三日,怙主甲札仁波切為了消弭末世戰亂禍害,使劣劫眾⽣生獲得安樂,乃 撰作此⽂文。弟⼦子偉瑟祖古出資迻譯為中⽂文,期許眾⼈人勇猛精進持誦本祈願⽂文。貝瑪 慈寧譯於臺灣臺北市。




